༄། སེནཊི་མས་རི་གཙུག་ལག་སློབ་གྲྭ་ནང་ལུ་བྱོན་པར་ལེགས་སོ་ཟེར་ཞུ་ནི་དང་འདྲེལ་ཏེ་ང་བཅས་ཆ་ཁྱབ་ཁྱོད་དང་འཕྱད་ནིའི་དོན་ལུ་སྤྲོ་བ་སྦོམ་འབད་ར་བསྐྱེད་དེ་ཡོད་ལགས།། ང་བཅས་ལུ་ཁྱོད་ཀྱི་གནམ་གྲུའི་ཤོག་འཛིན་གྱི་འདྲ་བར་ཅིག་མགྱོགས་པ་ར་བསྐྱལ་གནང་། དེ་ལས་ཁྱོད་གནམ་ཐང་ལས་ལེན་དགོ་མི་དགོ་གི་ལན་གསལ་ཅིག་གསུང་གནང་། གནམ་ཐང་ལས་ལེན་ནི་གི་དུས་ཚོད་འདི་ཨི་མེལ་ན་ལུ་གཇིགས་གནང་། ཁྱོད་ཀྱི་ཨི་མལ་འདི་ཕྲལ་ཕྲལ་ར་གཟིགས་གནང་། རྒྱལ་སྤྱི་ལྟེ་བ་གི་ལཱ་འབད་མི་དང་སྡོད་ཁྱིམ་འཚོལ་ནི་ དེ་ལས་གོམས་འདྲིས་སློབ་སྦྱོང་དང་ལས་རིམ་གཞན་ཡང་གལ་ཆེ་བའི་གནས་ཚུལ་ཚུ་ཨི་མེལ་གྱི་ཐོག་ལས་གཏང་འོང་། དྲི་བ་རེ་ཡོད་པ་ཅིན་ intlcenter@smumn.edu ཐོག་དང་ skype ན་ལུ་ཡང་འཕྲད་ཚུགས།